ཀྲུའུ་ཞིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་ལྔ་འཁོར་བ།
2018-08-28 15:18:05

སྤྱི་ཚེས་༢༦ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་རྒྱས་འཕྲིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་གནང་ནས་ལོ་ལྔ་འཁོར་བའི་ཟིན་བྲིས་ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་།    སྒོ་དབྱེ་ཁོག་ཡངས་རྒྱུན་འཁྱོངས་དང་། གོང་འཕེལ་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད། དངོས་སྐྱོད་དང་ཟབ་སྐྱོད་རྒྱུན་འཁྱོངས། རྒྱུད་གཅིག་ལམ་གཅིག་སྐམ་མཚོ་གཉིས་དང་སྦྲེལ་བ། གནའ་དེང་གཅིག་སྦྲེལ་བཅས་བྱས་ཏེ། ལོ་རྒྱུས་སྙན་ངག་གསར་པ་གཏོད་འགོ་ཚུགས་ཡོད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་དམ་འཛིན་བྱེད་སར་བརྩི་བ་དང་། རླབས་ཆེའི་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་ཀྲུང་གོ། འཛམ་གླིང་ཡོངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་པའི་བརྗིད་ཆེའི་དམིགས་འབེན་ལ་ཕྱོགས་པ་དང་། སྔར་བས་མཛེས་སྡུག་ལྡན་པའི་འོད་སྣང་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེན་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།


打开APP阅读全文
相关新闻
×
前往APP查看全文,体验更佳!
确定
取消