མངའ་རིས་ནས་བོད་ཀྱི་གནའ་རབས་ཤེས་རིག་མཚོན་པའི་དུར་ས་ཁག་ཅིག་རྙེད།
2018-08-23 12:02:32

བོད་ལྗོངས་མངའ་རིས་ས་ཁུལ་ལ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4500ཡན་ཟིན་གྱི་ཡོད་པས་འཛམ་གླིང་ཡང་རྩེའི་ཡང་རྩེ་ཞེས་འབོད་སྲོལ་ཡོད།  ཉེ་བའི་ལོའི་ནང་ཞང་ཞུང་རིག་གནས་དང་བོད་ཀྱི་ནུབ་རྒྱུད་ཁུལ་གྱི་གནའ་དུས་ཤེས་རིག་གི་ཞིབ་འཇུག་རྒྱུན་མཐུད་ཁྱབ་སྤེལ་བཏང་བ་བརྒྱུད། མངའ་རིས་འདི་ཉིད་རྒྱལ་སྤྱིའི་བོད་རིག་པའི་ལས་རིགས་པ་ཚོས་ས་མཐོའི་གནའ་རབས་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་ཡུལ་གཙོ་གནད་ཞིག་ཏུ་གྱུར་ཡོད།

  ཉེ་དུས།  གསར་འགོད་པས་མངའ་རིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་དང་མཉམ་དུ་གནའ་རྫས་རྟོག་ཞིབ་ཀྱི་ས་ཡུལ་ཁག་ཅིག་ཏུ་སྐྱོད་ནས།  གནའ་རྫས་རྟོག་ཞིབ་མཁས་དབང་ཚོས་དུར་སའི་གནའ་རྫས་ཞིབ་འཇུག་དང་གངས་ལྗོངས་ས་མཐོའི་གནའ་རབས་ཀྱི་རིག་གཞུང་གནའ་ཤུལ་རྩད་འཚོལ་བཅས་ལ་ཤེས་རྟོགས་གཏིང་ཟབ་གནང་བ་རེད།

   གནའ་རྫས་རྟོག་ཞིབ་པས་སྤྱི་ལོ1985ལོར་མངའ་རིས་གུ་གེ་གནའ་ཤུལ་ནས་ཤིང་གི་དུར་ས་ཞིག་རྩད་འཚོལ་ཐུབ་པ་དང་།  སྤྱི་ལོ1992ལོར་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཁྲོད་མངའ་རིས་རུ་ཐོག་ནས་རྡོ་སྐྱོར་དུར་ས་ཁག་ཅིག་རྩད་འཚོལ་ཐུབ་པ།  སྤྱི་ལོ1998ལོར་མཐོ་ལྡིང་དགོན་དུ་གནའ་རྫས་རྟོག་ཞིབ་བྱས་པའི་ཁྲོད་དགོན་སྡེའི་ཉེ་འགྲམ་ནས་ཐོན་པའི་དུར་ཁུང་ལ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་ཡོད།  

    ཉེ་བའི་ལོ་ངོ20ཙམ་གྱི་རིང་།  རང་རྒྱལ་གྱི་མཁས་དབང་ཚོས་མངའ་རིས་ས་ཁུལ་དུ་གནའ་རྫས་རྟོག་ཞིབ་བྱས་པའི་ཁྲོད་གནའ་དུས་ཀྱི་དུར་ས་བཅུ་གྲངས་རྩད་འཚོལ་ཐུབ་པ་དང་།  ས་འོག་ནས་རྫ་དང་ལི།  ཤིང་།  ལྕགས།  ཤེལ་རིལ་སོགས་རྩ་ཆེའི་རིག་དངོས་ཕོན་ཆེན་ཐོན་ཡོད་པས།  པུར་རྒྱལ་བཙན་པོའི་དུས་སྐབས་གོང་གི་གནའ་རྫས་རིག་གནས་མ་ལག་སྐྲུན་ཆེད་དང་བོད་ཀྱི་ནུབ་རྒྱུད་ཁུལ་གྱི་གནའ་དུས་རིག་གཞུང་ཞིབ་མཇུག་བཅས་ལ་དངོས་རྫས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་ཐུབ་ཡོད།


打开APP阅读全文
相关新闻
×
前往APP查看全文,体验更佳!
确定
取消