མཛེས་མ་དང་ལོ་འདི་དག་ལ་བསུས་པའི་མཐོ་སྒང་ཡུལ་སྐོར་དུས་ཆེན།
དཀར་མཛེས་བརྙན་འཕྲིན་ཁང་། 2019-05-17 11:52:19

  ༢༠༡༩ལོའི་རོང་བྲག་སི་ཁྲོན་མཐོ་སྒང་ཡུལ་སྐོར་དུས་ཆེན་འཚོགས་ལ་ཉེ།


   སི་ཁྲོན་གྱི་མཛེས་པའི་ཡུལ་ལྗོངས་བརྒྱ་ཆ་བདུན་ཅུ་ནི་ང་ཚོ་དཀར་མཛེས་ཀྱི་ས་ཆ་ཡིན་ལ།   མང་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་པའི་དགའ་སྐྱིད་གསོལ་སྟོན་ཏེ་༢༠༡༩ལོའི་སི་ཁྲོན་དཀར་མཛེས་གྱི་མཐོ་སྒང་ཡུལ་སྐོར་དུས་ཆེན་ནི་མི་མགྱངས་པར་གཟབ་རྒྱས་ངང་སྤེལ་འགོ་ཚུགས་རྒྱུ་རེད། ལོ་གསུམ་སྔོན་གྱི་རི་ཁུལ་ཡུལ་སྐོར་དུས་ཆེན་སྐབས་མི་གྲངས་ཁྲི་ཚོ་དུ་མ་ཡིས་དགའ་སྤྲོ་རབ་ཏུ་འཁོར་བའི་རྣམ་པ་དེ་ཚང་མའི་སེམས་སུ་ལྷང་ལྷང་གསལ་ཐུབ་པ་རེད། དེ་རིང་ང་ཚོས་མཉམ་དུ་ལོ་སྔ་མ་ཡི་མཐོ་སྒང་ཡུལ་སྐོར་དུས་ཆེན་ལ་ཕྱིར་དྲན་ཞིག་བྱེད་དུ་འགྲོ 

  མཐོ་སྒང་ཡུལ་སྐོར་དུས་ཆེན་ནི་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་དྲང་འཕྱང་སྣ་མང་ཅན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་། བརྗིད་དང་ཉམས་ཀྱི་རྣམ་པས་ཁེངས་པའི་མཛེས་པ།  གནའ་ནས་ད་བར་གྱི་མི་ཆོས་ཀྱི་མཛེས་པ།  དགའ་བ་དང་སྤྲོ་སེམས་འཁོར་བའི་མཛེས་པ་བཅས་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་ཡིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ།  དེ་ཡང་སི་ཁྲོན་དཀར་མཛེས་ཀྱི་མཐོ་སྒང་ཡུལ་སྐོར་དུས་ཆེན་མུ་མཐུད་དུ་ལོ་གསུམ་སྤེལ་བ་དེས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་དེ་ལ་སྐས་རིམ་གསར་པ་ཞིག་གི་སྟེང་ལ་སླེབས་པར་སྐུལ་འདེད་བཏང་ཡོད་པ་་རེད། 

LOVE

   ༢༠༡༦ལོའི་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ཉིན། སི་ཁྲོན་དཀར་མཛེས་ཀྱི་མཐོ་སྒང་ཡུལ་སྐོར་དུས་ཆེན་ཐོག་མ་དེ་དུང་དཀར་ལུང་པ་རུ་སྤེལ་མགོ་ཚུགས་པ་པ་དང་། ཉིན་མ་གསུམ་གྱི་རིང་དུ། བདེ་ལྡན་རྩྭ་ཐང་འཁྱགས་ཞོ་སྟེ་དུང་དཀར་ལུང་པའི་རོལ་རྩེད་ཅི་དགར་བྱེད་པའི་མཚན་མོ་དང་། སི་ཁྲོན་དཀར་མཛེས་ཀྱི་མཐོ་སྒང་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ  མཐོ་སྒང་ཡུལ་སྐོར་གྱི་རྒྱུན་མཐུད་འཕེལ་རྒྱས་ཚོགས་ཆེན། དཀར་མཛེས་སྒེར་འཁོར་བཏང་བའི་ལོ་ཟླ།   སྒེར་འཁོར་བཏང་ནས་ལམ་ཐིག་རབ་དང་རིམ་པ་ཉམས་སུ་མྱོང་བའི་ཡུལ་སྐོར། འཕྲིན་སྦྱོར་དང་ཡུལ་སྐོར་སྐོར་སྤྱོད་བྱེད་དེ་དམངས་ཁྲོད་རིག་གནས་འཚོལ་བསྡུ་བཅས་བརྗོད་བྱ་བྱ་འགུལ་དྲུག་རེས་སྐོར་བྱེད་ནས་སྤེལ་བ་རེད། མཐོ་སྒང་ཡུལ་སྐོར་དུས་ཆེན་ཐོག་མ་ཡིས་རྣམ་པ་གསར་པ་ལས་དཀར་མཛེས་ཀྱི་མི་ཆོས་མཚོན་ཞིང་། དཀར་མཛེས་ཁུལ་གྱི་མཐོ་སྒང་ཡུལ་སྐོར་ཐོན་ཁུངས་ཀྱི་འཛམ་གླིང་གི་གོ་གནས་ལ་རྨང་གཞི་འདིང་བ་མ་ཟད།  ད་དུང་འཛམ་གླིང་གི་ཡུལ་སྐོར་བ་དང་ཚོང་ལས་བ་ལ་ལྐོག་གྱུར་གྱི་སྒོ་ནས་མཛེས་སྡུག་ལྡན་པའི་དྭངས་གཙང་དཀར་མཛེས་ཞེས་པ་གསལ་པོར་མངོན་པ་རེད།

གངས་ལྗོངས།

 ༢༠༡༧ལོའི་མཐོ་སྒང་ཡུལ་སྐོར་དུས་ཆེན་དུ། གཅིག་འགྱུར་ཞེས་པ་དེ་སྔོན་མ་ལ་དུས་ཆེན་གསུམ་ཞེས་པ་གྲུབ་པའི་ཆ་གཙོ་བོ་ཞིག་ཡིན་པས་ཁེར་རུ་བུད་པ་མ་ཟད།  ད་དུང་དཀར་མཛེས་ཁུལ་གྱི་ཡུལ་སྐོར་བྲིན་ཚོང་གི་བྱ་འགུལ་གལ་ཆེན་ཡིན་པའི་ཆ་ནས་ལོ་ཡོངས་སུ་ཁྱབ་པ་རེད། བརྗོད་བྱ་ཅན་གྱི་དུས་ཆེན་བྱ་འགུལ་སྣ་མང་ཞིག་ཡོད་དེ། དཀར་མཛེས་སྒེར་འཁོར་བཏང་པའི་ལོ་ཟླ་དང་།   ཀྲུང་གོ་ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་རྒྱ་བསྐྱེད་གཏོང་བའི་མཉམ་འབྲེལ་གྱི་མཉམ་འབྲེལ་གྲོས་ཚོགས་ཐོག་མ།  སི་ཁྲོན་དཀར་མཛེས་ཀྱི་མཐོ་སྒང་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོ དཀར་མཛེས་ཁུལ་མི་རིགས་རིག་གནས་ཆེད་འཁྲབ་འཁྲབ་སྟོན།  ཉིང་སྟེང་འདབ་པ་ཤམ་བྷ་ལ་ཡི་རྒྱལ་སྤྱིའི་མཐོ་སྒང་ཡུལ་སྐོར་གྱི་རི་རྩེའི་བགྲོ་གླེང་ཐོག་མ། བཞི་བཞི་གཅིག་གཅིག་གསོལ་སྟོན། རྒྱལ་སྤྱིའི་རོལ་དབྱངས་ཚོགས་ཆེན་སོགས་བྱ་འགུལ་ཡོད་པ་རེད། ལོ་དེའི་ནང་དུ་དཀར་མཛེས་ཁུལ་གྱིས་སྤྲོ་སེམས་འཁོར་བའི་ངང་ནས་འདབ་པ་ཉིང་སྟེང་གི་སྐྱེ་ཁམས་དངོས་པོའི་ཡིད་དབང་འཕྲོག་ཤུགས་དང་། དག་ཞིང་གཙང་བའི་ཞིང་ཁམས་མཐའ་མ་དེ་སྟོན་ཡོད་པ་རེད། 

   ༢༠༡༨་ལོ་ནི་དཀར་མཛེས་ཀྱི་ཡུལ་སྐོར་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལོ་དང་ཡུལ་སྐོར་ཕྱིར་འཚོང་ཁྱབ་བསྒྲགས་ལོ།ཡུལ་སྐོར་ཞབས་ཞུ་སྤུས་ཚད་མཐོར་འདེགས་ལོ་ཡིན་ལ།ལོ་འདིའི་མཐོ་སྒང་ཡུལ་སྐོར་དུས་ཆེན་གྱིས་གཅིག་སྣོན་Nསྣོན་བདུན་གྱི་བསམ་ཕྱོགས་ལྟར་སྤེལ་བ།གཙོ་བོའི་བྱེད་སྒོ་ནི་ཟླ་བ་དྲུག་པ་ནསབཅུ་གཉིས་པར་རྒྱུན་མཐུད་བྱེད་ཞིང་།འགོ་ཚུགས་མཛད་སྒོ་དང་དར་མདོ་རྒྱལ་སྤྱི་མཛའ་གཞས་རོལ་དབྱངས་དུས་ཆེན།སྐབས་གཉིས་པའི་འདབ་པ་ཉི་སྟེང་ཤམ་བྷ་ལ་རྒྱལ་སྤྱི་མཐོ་སྒང་ཡུལ་སྐོར་རྩེ་གྲའི་གླེང་སྟེགས།དཀར་མཛེས་ཁྱད་ལྡན་ཟས་མཆོག་མྱོང་རོལ།ཡུལ་སྐོར་ཚོང་རྫས་ཉོ་སྒྲུབ་དུས་ཚིགས་ཐོག་དང་པོའི་G༣༡༨ཐོན་ལས་མཉམ་འབྲེལ་རྩེ་གྲའི་ཚོགས་འདུ་སོགས་ཡན་ལག་གི་བྱེད་སྒོ་དྲུག་འདུས་པ་རེད།

མཛེས་པའི་ཡུལ་ལྗོངས།མཛེས་མའི་ལུང་པ།

  ད་ལོའི་མཐོ་སྒང་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ནི་མཁར་རྫོང་དང་བོད་གྲོང་།ཤར་ཕྱོགས་བུད་མེད་རྒྱལ་ཁབ་ཀྱི་རིག་གནས་ཕྱུག་པའི་རོང་བྲག་ཏུ་སྤེལ་རྒྱུ་ཡིན་པ་དང་།ཡུལ་སྐོར་དུས་ཆེན་ཀྱང་ཀྲུང་གོ་ཡུལ་སྐོར་ཉིན་མོ་ལ་རོང་བྲག་ཏུ་འགོ་ཚུགས་རྒྱུ་རེད།དུས་མཉམ་དུ་བྱེད་སྒོ་དེ་ད་ལོའི་ཀྲུང་གོ་ཡུལ་སྐོར་ཉིན་མོ་སི་ཁྲོན་ཡན་ལག་ཚོགས་རའི་དུས་ཆེན་གལ་ཆེན་གྱི་ཡ་གྱལ་ཞིག་ཡིན་པ་རེད།སྐབས་དེ་ལ།ཁྱེད་རང་གིས་རིག་གནས་འཚོལ་ཞིབ་དང་སྐར་ཚོགས་ལ་ལྟ་བ།ནགས་རར་རི་དགར་རྩེ་ཆོག་པ་རེད།བཤད་རིན་པ་ཞིག་ནི།ཐེངས་འདིའི་ཡུལ་སྐོར་དུས་ཆེན་དང་རོང་བྲག་ལོ་རེ་སྐབས་རེའི་རྒྱལ་རོང་ཡུལ་སྲོལ་གོམས་འདྲིས་དུས་ཆེན་འབྲེལ་མཐུད་ཡིན་ལ།དྭངས་གཙང་མཛེས་སྡུག་གི་དཀར་མཛེས།ལྟ་ན་མཛེས་པའི་མཛེས་མ་ཡིས་ཁྱེད་རང་སྔོ་ཤིང་བསངས་པའི་ནམ་མཁའ་དང་སྔོ་ལྗང་གི་རི་ཀླུང་།དྭངས་གཙང་གི་ཆུ་བོའི་འགྲམ་ན་ཡུལ་སྐོར་ཐེངས་ཤིག་ཕེབས་པར་རེ་སྒུག་བྱེད་བཞིན་འདུག

  ད་ལོའི་སྐབས་བཞི་པའི་སི་ཁྲོན་དཀར་མཛེས་མཐོ་སྒང་ཡུལ་སྐོར་དུས་ཆེན་ཡག་པོ་སྒྲུབ་པ་ནི།ཞིང་ཨུའི་སྡོང་གཅིག་ཡལ་མང་དང་ལྗོངས་ལྔ་མཉམ་སྒྲུབ་མངའ་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་།ཕྱོགས་བཞི་རྒྱ་སྐྱེད་དང་ཁོངས་ཡོངས་སྒོ་འབྱེད་ཀྱི་ལངས་གཟུགས་ཕྱོགས་ཡོངས་སྒོ་འབྱེད་རྣམ་པ་གསར་པའི་དངོས་དོན་གཉེར་བའི་བྱ་སྤྱོད་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་།དེ་ལས་ཀྱང་གཏིང་ཟབ་པའི་སྒོ་ནས་ཐབས་ཇུས་ཆེན་མོ་དྲུག་ལག་བསྟར་བྱེད་པ་དང་།ཕྱོགས་ཡོངས་ནས་གསུམ་གཏོད་མཉམ་འབྲེལ་དང་གྲོང་གསེབ་དར་སྤེལ་སྐུལ་འདེད་གཏོང་བ།དཀར་མཛེར་ཁྱབ་བསྒྲགས་དང་འོས་སྦྱོར་བྱེད་ནས།རང་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་ནུས་ཡོད་ལམ་བུ་མངོན་ཡོད་པ་རེད།


打开APP阅读全文
相关新闻
×
前往APP查看全文,体验更佳!
取消