རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཏན་འབེབས་འདི་འདྲ་བྱས་འདུག
2019-05-14 15:37:31

     2018ལོར། སྲིད་གྲོས་ཨུ་ཡོན་གྱིསསློབ་ཆུང་དགེ་རྒན་གྱིས་ལག་ཁྱེར་ཁ་པར་སྟེང་གི་འཕྲིན་ཕྲན་དངQQསྤྱད་དེ་སློབ་མ་དང་ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་དང་ཡར་སྤྲོད་བྱེད་པ་གཏན་འགོག་བྱེད་དགོས་པའི་སྐོར་གྱི་གྲོས་གཞིབཏོན་པར། ད་ལྟ་སློབ་གསོ་པུའུ་ཡིས་ཕྱིར་ལན་སློག་ཡོད་འདུག


དགེ་རྒན་གྱིས་སྐད་འཕྲིན་དངQQཡི་ལམ་ནས་སློབ་མར་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག   སློབ་གསོ་པུའུ་ཡིས། 


     ཉེ་སྔོན། སྲིད་གྲོས་ཨུ་ཡོན་གྱིསསློབ་ཆུང་དགེ་རྒན་གྱིས་ལག་ཁྱེར་ཁ་པར་སྟེང་གི་སྐད་འཕྲིན་དངQQསྤྱད་དེ་སློབ་མ་དང་ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་དང་ཡར་སྤྲོད་བྱེད་པ་གཏན་འགོག་བྱེད་དགོས་པའི་སྐོར་གྱི་གྲོས་གཞིབཏོན་པར། ད་ལྟ་སློབ་གསོ་པུའུ་ཡིས་ཕྱིར་ལན་སློག

     སློབ་གསོ་པུའུ་ཡིས་ཕྱིར་ལན་ཁྲོད་བསྟན་དོན། ལས་བྱ་དག་བཅོས་བྱེད་རྒྱུ་ནི་དགེ་རྒན་གྱིས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་འགན་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་ནང་དོན་ཡིན་པ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྟེང་དུའང་དེའི་ཐད་ཀྱི་གཏན་འཁེལ་གསལ་པོ་བྱས་ཡོད།དགེ་རྒན་བཅའ་ཁྲིམསཀྱི་དོན་ཚན7པར།དགེ་རྒན་ལ་སློབ་མའི་སློབ་སྦྱོང་དང་ཡར་རྒྱས་ལ་མཛུབ་སྟོན་དང་། སློབ་མའི་གཤིས་སྤྱོད་དང་སྦྱང་འབྲས་ལ་དཔྱད་འཇོག་བྱེད་པའི་དབང་ཆ་ཡོད་པགཏན་འཁེལ་བྱས་ཡོད་ལ། དོན་ཚན8པའི་ནང་དུདགེ་རྒན་གྱིས་ངེས་པར་གདན་ཞུ་སྐབས་ཀྱི་ཁ་ཆད་ལྟར། སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བའི་ལས་འགན་ལག་བསྟར་བྱེད་དགོས་པགཏན་ཁེལ་བྱས་ཡོད།

     《འོས་འགན་སློབ་གསོའི་བཅའ་ཁྲིམསཀྱི་དོན་ཚན35ཡི་ནང་དུསློབ་གྲྭ་དང་དགེ་རྒན་གྱིས་གཏན་འཁེལ་བྱས་ཡོད་པའི་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་དང་སློབ་ཐུན་བཀོད་སྒྲིག་ལྟར་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་ཡོད་པའི་གཞི་རྩའི་སྤུས་ཀའི་བླང་བྱ་རུ་སླེབས་པར་ཁག་ཐེག་བྱེད་དགོས་པགཏན་འཁེལ་བྱས་ཡོད་པ་དང་།སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཚད་གཞི》(2008ལོར་བཟོ་བཅོས་བྱས་པ)ཡི་སྟེང་དུདགེ་རྒན་གྱིས་རང་གི་བྱ་བར་འགན་འཁྲི་ལེགས་པོ་འཁུར་ཏེ། ནན་ཏན་སྒོས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་བྱེད་དགོས་ལ། ལས་བྱར་དག་བཅོས་ནན་ཏན་དང་སློབ་མར་ཟུར་ཁྲིད་ནན་ཏན་བྱེད་དགོས་པགཏན་འཁེལ་གསལ་པོ་བྱས་ཡོད།

     རྗེས་མར། སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། དོ་དམ་ལེགས་པོ་བྱས་ཏེ། དགེ་རྒན་དང་སློབ་གསོ། སློབ་ཁྲིད་བཅས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། དགེ་རྒན་གྱིས་སྐད་འཕྲིན་དངQQསྤྱད་དེ་སློབ་མར་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག་པ་དང་། ལས་བྱ་དག་བཅོས་བྱེད་པའི་ལས་འགན་ཁྱིམ་བདག་ལ་སྤྲད་མི་ཆོག་པ་གསལ་པོར་བསྟན་དོན། དེ་ནིསློབ་གྲྭའི་ཁུར་པོ་ཇེ་ཡང་དང་སྤྱི་ཚོགས་ཀྱི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་དང་། དགེ་རྒན་གྱི་ཁུར་པོ་ཇེ་ཡང་དང་ཁྱིམ་བདག་གི་ཁུར་པོ་ཇེ་ལྗིད་དུ་གཏོང་བསོགས་ཀྱི་སྣང་ཚུལ་འགོག་ཆེད་རེད།། 


打开APP阅读全文
相关新闻
×
前往APP查看全文,体验更佳!
取消