བོད་ཀྱི་ལོ་རྒྱུས་རྒྱུན་ཤེས།
2018-09-05 17:15:47

དགའ་ལྡན་ཕོ་བྲང་ལོ་ནམ་ནས་ནམ་བར་དུ་སྲིད་བསྐྱངས།

ལན། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྤྱི་ལོ་༡༦༥༤ལོ་ནས་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོ་སྤྱི་ལོ༡༩༤༧ལོ་བར་དུ་སྲིད་བསྐྱངས།

དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛུགས་མཁན་སུ་ཡིན།

ལན། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ཡིན།

རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གང་དག་ཡིན།

ལན། རྒྱལ་བ་དགེ་འདུན་གྲུབ་པ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ།ཡོན་ཏན་རྒྱ་མཚོ། ངག་དབང་བློ་བཟང་རྒྱ་མཚོ། ཚངས་དབྱངས་རྒྱ་མཚོ། བསྐལ་བཟང་རྒྱ་མཚོ། འཇམ་དཔལ་རྒྱ་མཚོ།ལུང་རྟོགས་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ། མཁས་གྲུབ་རྒྱ་མཚོ། འཕྲིན་ལས་རྒྱ་མཚོ། ཐུབ་བསྟན་རྒྱ་མཚོ།བསྟན་འཛིན་རྒྱ་མཚོ་བཅས་སོ།།

ཏཱ་ལའི་ཞེས་པའི་དོན་གང་ཡིན་པ་དང་། དེ་སུས་རྒྱལ་བ་སྐུ་ཕྲེང་དུ་བ་ལ་གསོལ་བ་རེད།

ལན། ཏཱ་ལའི་ཞེས་པ་ནི་སོག་སྐད་ཡིན་ལ་བོད་སྐད་དུ་རྒྱ་མཚོ་ཞེས་པའི་དོན་ཡིན།སོག་པོའི་ཨལ་ཐན་རྒྱལ་པོས་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ལ་ཕུལ་བ་རེད།

པཎ་ཆེན་སྐུ་ཕྲེང་རིམ་བྱོན་གང་དག་ཡིན།

ལན། མཁས་གྲུབ་དགེ་ལེགས་དཔལ་བཟང་། བསོད་ནམས་ཕྱོགས་གླང་།དབེན་ས་བློ་བཟང་དོན་གྲུབ། པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཡེ་ཤེས། བློ་བཟང་དཔལ་ལྡན་ཡེ་ཤེས།བློ་བཟང་བསྟན་པའི་ཉི་མ། བློ་བཟང་བསྟན་པའི་དབང་ཕྱུག བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ།འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་བཅས་ཡིན།

  

ཨེར་ཏི་ནི་ཞེས་པ་མི་རིགས་གང་གི་སྐད་དང་པཎ་ཆེན་སྐུ་ཕྲེང་དུ་བ་ལ་གསོལ་བ་རེད།

ལན། སོག་སྐད་ཡིན་ལ་བོད་སྐད་དུ་རིན་པོ་ཆེ་ཞེས་པའི་དོན་ཡིན་ལ།པཎ་ཆེན་སྐུ་ཕེང་ལྔ་བ་བློ་བཟང་ཡེ་ཤེས་ལ་གསོལ་བ་ཡིན།

རྩེ་སློབ་གྲྭ་གསར་དུ་འཛུགས་མཁན་སུ་ཡིན།

ལན། རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་ལོ་སྤྱི་ལོ༡༧༥༤ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་གསར་དུ་བཙུགས་པ་ཡིན།

བོད་ཀྱི་ལོ་ཙཱ་བ་ཐོག་མ་དེ་གང་།

ལན། སློབ་དཔོན་ཐོན་མི་ཡིན།

བོད་ཀྱི་སྤྲུལ་སྐུ་དང་པོ་དེ་གང་།

ལན། ཀརྨ་པཀྴི་ཡིན།

བོད་ཀྱི་པཎ་ཌི་ཏ་དང་པོའི་མཚན་ལ་ཅི་ཟེར།

ལན། ས་པཎ་ཀུན་དགའ་རྒྱལ་མཚན་ཟེར།

 

དགའ་ལྡན་ཁྲི་བ་དང་པོ་དེ་གང་།

ལན། རྗེ་བླ་མ་བློ་བཟང་གྲགས་པ་ཡིན།

བོད་ཀྱི་གསོ་རིག་གི་སློབ་གྲྭ་ཐོག་མ་བཙུགས་མཁན་སུ་ཡིན།

ལན། གཡུ་ཐོག་ཡོན་ཏན་མགོན་པོ་ཡིན།

བོད་ཀྱི་བཀའ་བློན་ཐོག་མ་སུ་ཡིན།

ལན། ཁང་ཆེན་བསོད་ནམས་རྒྱལ་པོ་ཡིན།

བོད་ལ་ཐོག་མ་དར་བའི་གསོ་བ་རིག་པ་ནི་གང་གི་ལུགས་ཡིན།

ལན། གཡུང་དྲུང་བོན་གྱི་ལུགས་ཡིན།

བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཐོག་མ་དེ་གང་།

ལན། གསོ་རིག་མདོ་དགུ་འབུམ་བཞི་ཡིན།

 

བོད་ཀྱི་ལོ་རྒྱུས་ཡིག་ཚང་གི་ཐོག་མ་དེ་གང་དང་། རྩོམ་པ་པོ་སུ་ཡིན།

ལན། སྦ་བཞེད་ཡིན་ཞིང་། རྩོམ་པ་པོ་ནྱི་སྦ་གསལ་སྣང་ཡིན།

བོད་དུ་ནང་པ་སངས་རྒྱས་པའི་གཙུག་ལག་ཁང་དང་པོ་གང་ཡིན།

ལན། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཡིན།

བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཐོག་མ་དེ་གང་།

ལན། ལོ་ཙཱ་བ་རིན་ཆེན་བཟང་པོ་ཡིན།

བོད་ཀྱི་རབ་བྱུང་གི་ཐོག་མ་གང་ཡིན།

ལན། སད་མི་མི་བདུན་ཡིན།

བོད་ཀྱི་པར་སྐྲུན་གྱི་སྲོལ་ཐོག་མ་ནམ་ཙམ་དར།

ལན། རྗེ་ཙོང་ཁ་པའི་སྐབས་སུ་དར།

 

འཛམ་གླིང་ཐོག་ཆེས་རིང་བོའི་ལོ་རྒྱུས་ཀི་སྙན་སྒྲུང་དེ་གང་ཡིན།

ལན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡིན།

རི་བོ་དགེ་ལྡན་པའི་དགོན་པ་ཁག་ཏུ་དུས་ནམ་ཞིག་ལ་མི་སུས་མེ་ཏོག་མཆོད་པའི་སྲོལ་བཏོད།

ལན། བོད་རབ་བྱུང་བདུན་པའི་ས་གླང་ལོ་སྤྱི་ལོ་༡༤༠༩ལོར་བོད་ཟླ་དང་པོའི་ཚེས་བཅོ་ལྔ་བའི་མཚན་མོར།རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མེ་ཏོག་མཆོད་པའི་སྲོལ་བཏོད།

སྡེ་དགེ་པར་ཁང་དུས་ནམ་ཞིག་ལ་མི་སུས་བཞེངས་པ་ཡིན་ནམ།

ལན། སྤྱི་ལོ༡༧༢༩ལོར་སྡེ་དགེ་རྒྱལ་པོ་བསན་པ་ཚེ་རིང་གྱིས་བཞེངས་པ་ཡིན།

དུས་ནམ་ཞིག་ལ་བོད་ཡིག་འབྲི་སྲོལ་དར།

ལན། དུས་རབས་བདུན་པར་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་སུ་དར།

སྲོང་བཙན་སྒམ་པོས་སྔ་རྗེས་སུ་བཙུན་མོ་གཉིས་བཞེས། གང་ནས་ཡིན་ཞིང་མཚན་ལ་ཅི་ཟེར།

ལན། རྒྱ་ནག་གྱི་ཡུལ་ནས་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་དང་བལ་ཡུལ་ནས་བལ་བཟའ་ཁྲི་བཙན་གཉིས་བཞེས་པ་རེད།

ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐབས་ཀྱི་སྲིད་སྐྱོང་བ་སུ་ཡིན།

ལན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐབས་ཀྱི་སྲིད་སྐྱོང་མཁན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན།

གནའ་དུས་སུ་ཁེད་ཀྱི་མིང་ལ་ཅི་ཟེར།

ལན། ལྡེའུ་ཟེར།

སྐྱེ་བོ་གསོ་ཐིགས་ཀྱི་རྩོམ་པ་པོ་སུ་ཡིན།

ལན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་། བོད་ཀྱི་ཞུས་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ཡིས་བསྒྱུར།


打开APP阅读全文
相关新闻
×
前往APP查看全文,体验更佳!
取消